其它教法:薩迦昆氏普巴傳承祈禱文
- nmkt201201
- 2024年8月13日
- 讀畢需時 3 分鐘
已更新:2024年8月29日
薩迦昆氏普巴傳承祈禱文

雲端藏經閣:(不定期校潤更新)
( 佛法無版權:點擊下載或複製網址貼上,下載儲存後開啟可閱,請謹慎發心使用。)
*寧瑪文殊 - 雲端藏經閣 pCloud Drive(首頁):
內容:
༄༅།།ཤྲཱི་བཛྲ་ཀུ་མ་ར་ཀྲོ་དྷ་ཡ་ནཱ་མ་མ་ཧཾ༔
師利班雜古瑪惹嘎若達雅那瑪瑪杭
སངས་རྒྱས་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ། །རྡོ་རྗེ་གསུམ་གྱི་ཞལ་ལྡན་ཕ་རོལ་ཕྱིན། །ཕྱག་གི་ཡལ་གས་རབ་བརྗིད་དབང་སྔོན་མདངས། །ཁྲོ་བོའི་དབང་པོ་མཆོག་ལ་གུས་བཏུས་ནས། །དེ་ཉིད་སྒྲུབ་ཐབས་འཁྲུལ་མེད་བརྒྱུད་པའི་གསུང་། །ཞལ་གྱི་བདུད་རྩི་ལས་རྙེད་བསྙེན་སྒྲུབ་ཚུལ། །གསལ་བར་སྟོན་པའི་མན་ངག་འདིར་བཤད་ཀྱི། །དོན་གཉེར་ཤེས་ལྡན་གུས་པའི་ཚུལ་གྱི་ཉོན། །
一切諸佛事業忿怒身,具足三金剛面波羅蜜,手臂妙作威嚴帝青色,最勝忿怒尊王恭敬禮!
此之修法無謬傳承語,口傳甘露所得念修理,顯明開示竅訣於此說,具慧希求者眾敬諦聽!
དཔལ་རྡོ་རྗེ་གཞོན་ནུའི་ས་ལུགས་སུ་གྲགས་པ་འདི་ལ་རྩ་བ་རྡོ་རྗེ་ཁྲོས་པའི་རྒྱུད་ཀྱི་ལེའུ་ལས་ཟུང་དུ་ཕྱུང་བ་ཕུར་པ་རྩ་དུམ་གྱི་རྒྱུད་ཆུང་འདི་ཉིད་ལ་བརྟེན་ཏེ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་དཀྱིལ་ཆོག་རྡོ་རྗེ་ལས་རིམ་རྩ་འགྲེལ་ནས་ཇི་ལྟར་བཤད་པ་བཞིན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་ཕུར་པའི་བསྙེན་སྒྲུབ་ཀྱི་ཐོ་ཡིག་མཛད་པ་གཞིར་བཞག་ནས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་མཛད་པ་ལས་རྒྱུན་དུ་ཉམས་སུ་ལེན་པ་དང་།
薩迦派傳軌之吉祥金剛童子,出自《金剛忿怒根本續品》,依此《普巴根本續品》,大阿闍黎貝瑪瓊乃撰著《壇城儀軌金剛事業次第根本釋》,依其所說,至尊仁波切紮巴堅贊撰著《普巴念修筆記》。以此作為藍本,吉祥殊勝上師索南堅贊編著廣中略三種修法儀軌,作為日常實修。
.............(中略).............
ན་མཿ ཤྲཱི་ས་མཱནྟ་བྷ་དྲ་ཡ།
南無 師利薩曼達帕渣雅
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །
吉祥根本上師仁波切,安住於我頂輪蓮花墊,殊勝大恩門中善攝持,身語意之悉地祈恩賜!
ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའི་དཔལ། །པདྨ་འབྱུང་གནས་ཀླུ་ཡི་དབང་པོ་དང་། །རྡོ་རྗེ་རིན་ཆེན་ཤེས་རབ་རིན་ཆེན་དང༌། །ཚུལ་ཁྲིམས་རྒྱལ་པོ་རྣམས་ལ་གསོལ་བ་འདེབས། །
吉祥普賢金剛薩埵尊,貝瑪瓊乃魯伊旺波尊,多傑仁欽喜饒仁欽尊,楚臣嘉波尊眾誠祈禱!
རྡོ་རྗེ་གཙུག་ཏོར་དགེ་སྐྱབས་དགེ་མཐོང་དང་། །འཁོན་སྟོན་བལ་པོ་ཤཱཀྱ་བློ་གྲོས་མཚན། །ཤེས་རབ་ཚུལ་ཁྲིམས་དཀོན་མཆོག་རྒྱལ་པོའི་ཞབས། །ཀུན་དགའ་སྙིང་པོ་རྣམས་ལ་གསོལ་བ་འདེབས། །
多傑祖朵格加格通尊,昆敦培波釋迦羅卓尊,喜饒楚臣袞卻嘉波尊,袞嘎寧波尊眾誠祈禱!
བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་དང་། །ས་སྐྱ་པཎ་ཆེན་འཕགས་པ་རིན་པོ་ཆེ། །འོད་ལྡན་དཔལ་དང་ཀུན་དགའ་རྡོ་རྗེ་དང་། ། ལེགས་པའི་བློ་གྲོས་རྣམས་ལ་གསོལ་བ་འདེབས། །
索南擇摩紮巴堅贊尊,薩迦班欽帕巴仁波切,沃丹貝尊袞嘎多傑尊,勒貝羅卓尊眾誠祈禱!
ཀུན་དགའ་བསོད་ནམས་རིན་ཆེན་རྒྱལ་མཚན་དང་། །བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པ། །ངོར་ཆེན་རྡོ་རྗེ་འཆང་དང་གྲགས་རྒྱལ་ཞབས། །གློ་བོ་མཁན་ཆེན་རྣམས་ལ་གསོལ་བ་འདེབས། །
袞嘎索南仁欽堅贊尊,喇嘛當巴貝丹楚臣巴,俄欽金剛持與紮嘉尊,洛沃堪欽尊眾誠祈禱!
འདིའི་ཁ་སྐོང་ནི།
此之補遺:
ས་སྐྱ་ལོ་ཙ་སྔགས་འཆང་ཆེན་པོ་དང་། །བསོད་ནམས་དབང་པོ་འཇམ་མགོན་ཨ་མེས་ཞབས། །བསོད་ནམས་དབང་ཕྱུག་ཀུན་དགའ་བཀྲ་ཤིས་དང༌། །བསོད་ནམས་རིན་ཆེན་རྣམས་ལ་གསོལ་བ་འདེབས། །
薩迦譯師阿羌欽波尊,索南旺波蔣貢阿麥尊,索南旺秋袞嘎紮西尊,索南仁欽尊眾誠祈禱!
ས་ཆེན་ཀུན་བློ་དབང་སྡུད་སྙིང་པོ་དང༌། །པདྨ་བདུད་འདུལ་དབང་ཕྱུག་མང་ག་ལ། །ཀུན་དགའ་སྙིང་པོ་ཀརྨ་རཏྣ་དང༌། །ཀུན་དགའ་རིན་ཆེན་རྣམས་ལ་གསོལ་བ་འདེབས། །
薩欽袞羅旺都寧波尊,貝瑪敦都旺秋芒嘎拉,袞嘎寧波噶瑪惹納尊,袞嘎仁欽尊眾誠祈禱!
རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དབང་དངོས། །དབང་ལུང་གདམས་པ་རྒྱ་མཚོའི་མངའ་བདག་ཆེ། །མདོ་སྔགས་བསྟན་པའི་སྲོག་ཤིང་འདྲེན་པ་ཆེ། །ཨཱ་ཡུ་བཛྲའི་ཞབས་ལ་གསོལ་བ་འདེབས། །
百部遍主金剛持王體,灌頂口傳教授大法主,顯密教法命木大導師,啊優班雜尊前誠祈禱!
རྣམ་གསུམ་ཏིང་ངེ་འཛིན་ལ་ལེགས་གནས་ནས། །དཀྱིལ་འཁོར་གསུམ་བསྒོམ་མཆོད་པ་གསུམ་གྱིས་མཆོད། །དྲི་མ་གསུམ་སྦྱངས་སྐུ་གསུམ་མངོན་གྱུར་ཏེ། །ས་གསུམ་སྐྱེ་དགུའི་དཔལ་དུ་བདག་གྱུར་ཅིག །
三種三摩地中善安住,修三壇城三種供品奉,淨治三種垢染證三身,三地眾生吉祥願我成!
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
一切生中不離清淨師,妙法吉祥恆時得受用,地道功德一切圓滿已,金剛持王果位願速證!
ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །
尊眾稱讚及諸祈禱力,我等所住一切方所中,病魔貧窮諍鬥悉消除!正法及諸吉祥願廣增!
ཅེས་པ་འདི་དཔལ་ས་སྐྱ་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་རང་གི་ཁ་འདོན་དུ་མྱུར་བར་བསམ་གཏན་ཕུག་ཏུ་བྲིས་པའོ།། །།
此由吉祥薩迦譯師蔣揚袞嘎索南堅贊貝桑波為自念誦,於桑丹普中速疾撰著。
寧瑪文殊-經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 敬譯

---------------------------
༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །
ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)
* 寧瑪文殊,讓世界更多華人能以自己的母語親近佛法!
寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 2012
Комментарии