top of page

​師長勉勵

15220098_1251713368219720_58325503010950

阿勒莫瑟仁波切 

ཐའི་ཝན་རྙིང་མ་འཇམ་དབྱངས་སྒྲ་སྒྱུར་ཚོགས་པས་ཐུགས་བསམ་རྣམ་པར་དག་པའི་སྒོ་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གླེགས་བམ་ཆེན་པོ་སྒྲ་སྒྱུར་གྱི་ལམ་ནས་འཛམ་གླིང་ཡོངས་ལ་སྤེལ་བ་དང་། སྤྱིར་སྔ་འགྱུར་རྙིང་མའི་བཀའ་གཏེར་རྣམས་ཡིག་སྒྱུར་དང་སྒྲ་སྒྱུར་བྱེད་བཞིན་པ་དེས་མ་འོངས་པར་རྒྱ་རིགས་ཀྱི་སེམས་ཅན་མང་པོ་བསྟན་པར་སྐྱབས་འཇུག་དང་དད་པ་ཅན་རྣམས་ལ་ཕན་ཐོགས་པའི་སྨོན་ལམ་དང་བཅས་ཁྱེད་ཐའི་ཝན་སྒྲ་སྒྱུར་ཚོགས་པ་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡོད།   ཞེས་སྣང་སྲིད་རྡོ་ནས།

 

隨喜臺灣寧瑪文殊翻譯中心以清淨發心的前提下翻譯佛教諸經論並弘揚全世界,特願所譯之舊譯寧瑪派諸續、伏藏部有利於虔誠入佛的漢族信衆。- 囊色多傑 ( 青海熱貢 阿勒莫瑟仁波切 )

11188185_773367089436086_140227118355660
碧帝優美仁波切

༄༅། ཐེ་ཝན་རྙིང་མ་འཇམ་དབྱངས་སྒྲ་བསྒྱུར་ཁང་ནས་༧བདུད་འཇོམས་ཆོས་སྐོར་གཙོས་པའི་རྙིང་མ་བཀའ་གཏེར་གྱི་ཆོས་སྐོར་རྣམས་བསྒྱུར་བར་རྗེས་སུ་ཡི་རངས་དང་མ་འོངས་མི་རིགས་གཉིས་ཀྱི་བར་ཕན་ཐོགས་ཆེ་ཞིང་བསྟན་པའི་ཞབས་འདེགས་སྤྱིར་འགྲུབ་པ་དང་ཡང་སྒོས་སྔ་འགྱུར་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་འགྲུབ་པའི་སྨོན་པ་དང་བཅས།   གཡོ་མེད་རིན་པོ་ཆེ་འཇིགས་མེད་བསྟན་འཛིན་རྡོ་རྗེ་ནས།།

隨喜臺灣寧瑪文殊翻譯室翻譯以至尊敦珠法類為主的寧瑪教傳和伏藏法類,祈願將來在兩個民族之間能有大利益,並且在總體上服務整個佛教,尤其大力地服務於前譯教法。- 優美仁波切吉美旦增多傑

104184957_3452272778124440_3813147477132

貝瑪玉尊空行母

བདུད་འཇོམས་སྐུ་ཕྲེང་གཉིས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྲས་མོ་པདྨ་གཡུ་མཚོའི་ཤིས་ཚིག་ཕྱག་བྲིས་དངོས་མ།  ཐེའུ་ཝན་འཇམ་དབྱངས་ཆོས་སྒྱུར་ཚོགས་པས་ཁོ་མོའི་ཡབ་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གཏེར་ཆོས་རྣམས་རྒྱ་ཡིག་ཏུ་སྒྱུར་བར་བཀའ་དྲིན་ཆེ། འདི་ཉམས་སུ་ལེན་མཁན་གྱི་རྒྱ་རིགས་ཀྱི་སློབ་མའམ་འཛམ་གླིང་ཡུལ་གྲུ་སོ་སོའི་དད་ལྡན་སློབ་མ་རྣམ་པར་ཕན་ཐོགས་པའི་སྨོན་ལམ་དང་ཡི་རང་ཞུ། ཁྱད་པར་བདུད་འཇོམས་རིན་པོ་ཆེའི་སློབ་མ་རྣམས་མྱུར་བར་འཇའ་ལུས་འཕོ་ཆེན་གྱི་གོ་འཕང་ཐོབ་པར་སྨོན་ནོ། །  པདྨ་འབར་བའི་འོད་འཕྲོ་ལས།།  ཡབ་རྗེའི་ཟབ་གཏེར་གཏན་དར་ཤོག།  ཨྱོན་གསང་སྔགས་གཟི་འོད་ཀྱིས།།  བདུད་འཇོམས་ཆོས་བརྒྱུད་བསྟན་རྒྱས་དགེ།།   པདྨ་གཡུ་མཚོ།

由尊貴的二世敦珠法王吉札移喜多傑千金貝瑪玉尊空行母親筆寫賀詞:感謝臺灣文殊翻譯小組,翻譯寧瑪伏藏密法吾父二世敦珠法王吉札移喜多傑,伏藏密法翻譯成中文,利益漢地及世界各地有信心弟子實修,弘揚吾父傳承密法利益眾生,衷心隨喜,讚嘆,並祝願所有敦珠法王弟子早日獲得虹光成就。蓮花之光閃光輝,吾父伏密傳千秋,蓮師密法閃光芒,敦珠傳承傳千年。- 敦珠貝瑪玉尊

u%253D2358103628%252C3575834835%2526fm%2

༈ རྙིང་མ་འཇམ་དབྱངས་སྒྲ་འགྱུར་ཁང་གི་བདུད་འཇོམས་སྔ་ཕྱིའི་ཆོས་བསྐོར་ལ་བྱ་བ་སྒྲུབ་པ་ནི་བཀའ་དྲིན་ཆེ།   བདག་ཨ་གཏེར་སྤྲུལ་འཇིགས་མེད་ཚེ་དབང་གྲགས་པ་ནས་འབུལ།

感謝寧瑪文殊翻譯小組對第一、第二世敦珠全集的貢獻。- 阿傍祖古晉美測旺諾布札巴 敬筆

阿傍才保仁波切

12045315_966869706704089_563866016865711

མཆོག་གསུམ་རྩ་གསུམ་ལྷ་ཡི་ཐུགས་རྗེ་དང།  མཐུ་ལྡན་བསྟན་སྲུངརྒྱ་མཚོའི་ནུས་མཐུ་ཡིས།  རྣམ་དཀར་ལས་ཀྱི་བྱ་བ་གང་རྩོམ་ཡང། གེགས་མེད་འགྲུབ་ཅིང་འགྲོ་ལ་ཕན་གྱུར་ཅིག།

大悲三寶三根本聖眾,大力護教如海威德力,所行ㄧ切事業善緣聚,祈願無礙圓滿利眾生。

所達多傑仁波切

33059910_2113610898876350_17180923684370

昆秋韋瑟仁波切

ཐའི་ཝན་རྙིང་མ་འཇམ་དབྱངས་སྒྲ་སྒྱུར་ཚོགས་པས་ཐུགས་བསམ་རྣམ་པར་དག་པའི་སྒོ་ནས། སྤྱིར་སྔ་འགྱུར་རྙིང་མ་པའི་བཀའ་གཏེར་རྣམས་དང།  ཁྱད་པར་དུ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང་ཆོས་ཡོངས་སུ་རྫོགས་པ་རྒྱ་ཡིག་ཏུ་སྒྱུར་ཞིང་པར་སྐྲུན་གྲུབ་པའི་བྱ་བ་དེའང། ཁོ་བོས་ཐུགས་རྗེ་ཆེ་ཞུས་བ་དང་ཆབས་ཅིག། སྒྲུར་ཡིག་དེ་དག་གིས་སྤྱིར་མ་འོངས་པའི་རྒྱ་རིགས་ཀྱི་སེམས་ཅན་དཔག་མེད་པ་རྣམས་དང། བྱེ་བྲག་ཏུ་སྟོན་པའི་དམ་ཆོས་ལ་དད་པ་ཅན་རྣམས་དང། ལྷག་པར་དུ་བདུད་འཇོམས་གཏེར་ཆོས་ཉམས་ལེན་འདོད་པ་རྣམས་ལ་ཕན་ཐོགས་རུང་བའི་བསྔོ་བ་སྨོན་ལམ་དང་བཅས་པ་ལགས་ན།  སྙིང་ཐག་པ་ནས་རྗེས་སུ་ཡི་རང་ཞུས།

台灣寧瑪文珠翻譯小組以清淨的動機,將怙尊 敦珠法王 離畏耶謝多傑的法教翻譯成中文並出版,對此,我致上深深的謝意,同時,我發願迴向、並深切地隨喜,希望這些譯文能夠利益未來無邊的漢地眾生、尤其是對佛法有信心、或想要實修敦珠伏藏法門的弟子們。

u%3D3062978597%2C1762759382%26fm%3D214%2

མི་རིགས་གཉིས་ཀྱི་སྐལ་ལྡན་སྐྱེས་བུའི་མཆོག། སྐད་ཡིག་གཉིས་ཀྱི་ཟབ་གཏེར་ཆོས་ལ་བརྩོན། དངོས་གྲུབ་གཉིས་ཀྱི་དགའ་སྟོན་སྤྱོད་བཞིན་དུ། རང་གཞན་གཉིས་ཀྱི་དོན་ཀུན་འགྲུབ་པར་སྨོན། མ་ཧཱ་ཙི་ནའི་སྐང་དང་ཡི་གེ་རུ། ཕབ་བསྒྱུར་ཁང་འདི་ལེགས་པར་གཉེར་བར་མཛོད།  བློ་གྲོས་དཔལ་ལྡན་ནས་བྲིས་ལགས།

祈願具緣漢藏諸仁者,勤修二種文字勝伏藏,受用世出世間二悉地,成辦自他二利諸成就,發心漸次翻譯為漢語,運作譯經大業當護持。

勘哲洛登仁波切

螢幕快照 2020-06-18 上午2.01.25.png

དེ་ཡང་ཁྲག་འཐུང་བདུད་འཇོམས་གླིང་པ་དང་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱི་གསུང་འབུམ་སྒྱུར་བཀྲུན་དང་ཕྱག་བཞེས་མཛད་པའི་རྙིང་མ་འཇམ་དབྱངས་སྒྲ་བསྒྱུར་ཚོགས་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་མཇུག་མཐར་མར་གྱུར་འགྲོ་བ་ཡོང་གྱི་མཐར་ཐུག་གདོད་མ་ཉིད་གྱི་གོ་འཕང་མྱུར་བ་མྱུར་དུ་ཐོབ་པར་སྨོན།  ཞེས་སྤྲུལ་མིང་པ་བསྟན་པ་ཆོས་ཀྱི་རྒྱལ་མཚན་ནས།

寧瑪文殊小組,翻譯並實修着剎通敦珠林巴和吉札耶謝多傑二位的文集,對此,我致以衷心的感謝,並祝願一切衆生最後都能速疾獲得究竟本來的果位。 - 有祖古之名的旦巴確吉堅贊

旦巴確吉堅贊仁波切

bottom of page