top of page

其它教法:ལྷ་མཆོག་རྡོ་རྗེ་གཞོན་ནུའི་རང་བཞིན་བརྒྱུད་བཅས་ལ༔ གསོལ་འདེབས་མུ་ཏིག་ཕྲེང་བ་ཁྱབ་གདལ་ཀློང་ཡངས་ཞེས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ 勝尊金剛童子自性傳承祈禱文 · 珍珠鬘 · 周遍平等廣大界 · 加持雲聚

已更新:2月23日

ལྷ་མཆོག་རྡོ་རྗེ་གཞོན་ནུའི་རང་བཞིན་བརྒྱུད་བཅས་ལ༔ གསོལ་འདེབས་མུ་ཏིག་ཕྲེང་བ་ཁྱབ་གདལ་ཀློང་ཡངས་ཞེས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ 勝尊金剛童子自性傳承祈禱文 · 珍珠鬘 · 周遍平等廣大界 · 加持雲聚


摘自尼泊爾毘盧寺-敦都多傑全集(註:此篇為噶陀敦都多傑金剛鐝傳承祈禱文)


雲端藏經閣:(不定期校潤更新)

( 佛法無版權:點擊下載或複製網址貼上,下載儲存後開啟可閱,請謹慎發心使用。)


*寧瑪文殊 - 雲端藏經閣 pCloud Drive(首頁):


內容:


ན་མོ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་བཛྲ་ཀུ་མཱ་ར་སིདྡྷི་ཧཱུྃ་ཧྲཱིཿ


南無瑪哈咕如師利嘿如嘎班雜古瑪惹悉地吽舍


འོག་མིན་ཆོས་དབྱིངས་འགྱུར་མེད་ལྔ་ལྡན་ཞིང་༔ གདོད་མའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་འོད་ཕྱུང་ལ༔ ཀ་དག་གཞི་ཐོག་ཕེབས་པར་བྱིན་གྱིས་རློབས༔


密嚴法界具足五不變,原始佛陀普賢父母尊,至誠祈禱大悲光明放,達至本淨基位祈加持!


བདེ་ཆེན་པདྨ་བརྩེགས་པའི་ཐིག་ཀློང་ནས༔ འཆི་མེད་ཚེ་དབང་རིགས་ཀྱི་བདག་པོ་མཆོག༔ གསོལ་བ་འདེབས་སོ་རིག་རྩལ་དབང་རྫོགས་ནས༔ སྐྱེ་འཆི་བགྲེས་གུད་བྲལ་པར་བྱིན་གྱིས་རློབས༔


大樂蓮花積聚明點界,無死最勝部主壽自在,至誠祈禱覺力自在圓,遠離生死老衰祈加持!


དྭངས་མ་ལྔ་ལྡན་འཇའ་འོད་ཐིག་ལེའི་ཞིང་༔ རིག་རྩལ་རྫོགས་སྐུ་རྡོར་སེམས་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས༔ ཡེ་གྲོལ་ཀློང་ཡངས་ཆེན་པོར་བྱིན་གྱིས་རློབས༔


具五精華虹光明點刹,覺力身圓多森父母尊,至誠祈禱智慧眼觀照,本來解脫大界祈加持!


འོག་མིན་མཁའ་སྤྱོད་འཇིག་བྲལ་རྡོ་རྗེའི་ཞིང་༔ རིགས་ཀུན་བདག་ཉིད་རྡོ་རྗེ་གཤོག་རྒོད་རྩལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་རྒྱུད་བསྐུལ་གྱིས༔ འཕོ་མེད་འཇའ་སྐུར་འགྲུབ་བར་བྱིན་གྱིས་རློབས༔


密嚴空行不壞金剛刹,諸部遍主多傑霄桂擇,至誠祈禱大悲相續勸,成就無遷虹身祈加持!


གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ ཀུན་ཏུ་བཟང་མོ་བདེ་ཆེན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་དགའ་བཞི་ཡེ་ཤེས་སྩོལ༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས༔


童子寶瓶尊身壇城中,普賢尊母德欽嘉措尊,至誠祈禱四喜智慧賜,五身任運成就祈加持!


མཐུ་སྟོབས་ནུས་རྩལ་ལྡན་པའི་རྩལ་ཀློང་ནས༔ མདོ་སྔགས་ལུང་འཛིན་རྒྱལ་ཚབ་རིག་པ་འཛིན༔ རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔


具足大力威能妙力界,顯密授記補處大持明,瑜伽自在努丹多傑尊,至誠祈禱灌頂祈加持!


འགྱུར་མེད་རྟག་བརྟན་རྡོ་རྗེའི་ཀློང་ཡངས་ནས༔ ནུས་ལྡན་རིགས་འཛིན་འཇིགས་མེད་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་འོད་གསལ་རྡོ་རྗེའི་ཀློང་༔ རང་གྲོལ་བདེ་བ་ཆེན་པོར་བྱིན་གྱིས་རློབས༔


不變恆固金剛廣大界,具力持明吉美多傑尊,至誠祈禱光明金剛界,大樂自然解脫祈加持!


ཟག་བྲལ་རྡོ་རྗེ་གསུམ་གྱི་ཀློང་ཡངས་ནས༔ ནུས་ལྡན་རིག་འཛིན་འཇིགས་བྲལ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་སྐུ་གསུམ་ཐིག་ལེའི་ཀློང་༔ ཡེ་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས༔


無漏三金剛之廣大界,具力持明吉扎多傑尊,至誠祈禱三身明點界,本來無有遠離祈加持!


དཔུང་ཚོགས་བདེ་ཆེན་སྤྱི་གཙུག་ཐིག་ལེའི་ཀློང་༔ རྩ་བའི་བླ་མ་སྨན་པའི་རྒྱལ་པོ་རྗེ༔ གསོལ་བ་འདེབས་སོ་ཆོས་དབྱིངས་བདེ་ཆེན་ཀློང་༔ ཡེ་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས༔


大軍大樂頂髻明點界,根本上師曼貝嘉波尊,至誠祈禱法界大樂界,本來無有遠離祈加持!


རང་ལུས་རྣམ་དག་རྒྱལ་བའི་ཞིང་ཁམས་སུ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་ལ༔ གསོལ་བ་འདེབས་སོ་ཆོས་དབྱིངས་ཐིག་ལེའི་ཀློང་༔ ཐུགས་གསུང་སྐུ་ཡི་རྡོ་རྗེར་བྱིན་གྱིས་རློབས༔


自身清淨勝王刹土中,多傑雄努父母子眷屬,至誠祈禱法界明點界,身語意之金剛祈加持!


གཏེར་གནས་གསང་མཛོད་ཤེལ་གྱི་ཡང་སྒྲོམ་ནས༔ ཟབ་གསང་བླ་མེད་སྙིང་ཐིག་མཆོག་གསུམ་ལ༔ གསོལ་བ་འདེབས་སོ་ཚིག་དོན་ཁོང་ཆུད་ནས༔ གཞན་དོན་འབད་མེད་ལྷུན་གྲུབ་བྱིན་གྱིས་རློབས༔


寶庫密藏水晶寶匣內,深密無上心髓三寶尊,至誠祈禱句義悉通達,利他無勤任運祈加持!


དམ་ཚིག་ཟབ་སྲུང་གཉན་གྱི་ཕོ་བྲང་ནས༔ སྨུག་ནག་འོད་འཕྲོ་རང་བྱུང་རྒྱལ་མོ་སོགསཿ བཀའ་སྐྱོང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས༔ བསྟན་དགྲ་མ་ལུས་འཇོམས་པར་བྱིན་གྱིས་རློབས༔


深護誓言嚴厲宮殿中,放深紫光讓炯嘉姆等,護法大海尊眾誠祈禱,教敵無餘盡摧祈加持!


དེ་ལྟར་གསོལ་བ་བཏབ་པའི་གཟི་བྱིན་གྱིས༔ བདག་དང་མཐའ་ཡས་སེམས་ཅན་མ་ལུས་བའི༔ སྔོན་ལས་འཕྲལ་རྐྱེན་ཉེར་འཚེ་ཀུན་ཞི་ཞིང་༔ གདོད་མའི་མགོན་པོ་དཔལ་མཆོག་དང་པོ་ཉིད༔ ཧེ་རུ་ཀ་དཔལ་དུས་འདིར་མྱུར་འགྲུབ་ཤོག༔


如是至誠祈禱威嚴力,我與無邊無餘有情眾,往昔違緣損害遍息除,原始怙主第一吉祥尊,

嘿如嘎尊今時願速成!


ཞེས་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡིས༔ བརྒྱུད་པའི་གསོལ་འདེས་ཁྱབ་གདལ་ཀློང་ཡངས་འདི༔ སྟག་རས་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཀྱིས༔ བསྐུལ་ངོར་མ་ཧཱ་གུ་རུའི་བསྒྲུབས་གནས་མཆོག༔ བྱ་ཕུ་གནམ་ལྕགས་ཕུག་པའི་གཡས་ཟུར་ནས༔ གཡུ་མཚོག་གངས་དཀར་རྒྱལ་གྱི་དབེན་གནས་དེར༔ རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེས་བཀོད༔ སརྦ་སངྒ་ལམ།། །།


此《勝尊多傑雄努傳承祈禱文 · 周遍平等廣大界》,達熱袞桑喬達倫珠尊者勸請故,於瑪哈咕如修持處,恰普囊甲埔巴之右側,玉措岡嘎嘉之寂靜地,瑜伽自在努丹多傑著。

薩爾瓦芒嘎朗!


寧瑪文殊-經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 敬譯

---------------------------


༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །

ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,

勝乘獅子吼音遍三地,蓮師大寶教法願興盛!

- 彌龐蔣揚南傑嘉措(不敗妙音尊勝海)


* 寧瑪文殊,讓世界更多華人能以自己的母語親近佛法!


寧瑪文殊(譯經院)- 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 2012


Comments


bottom of page