top of page

其它教法:རྫོང་གཏེར་རིག་འཛིན་ཀུན་བཟང་ཉི་མ། 宗黛 · 仁增袞桑尼瑪 全集 第07函:༅༅།།དམ་ཆོས་ཐུགས་གཏེར་འདུས་པ་ལསཿ སྡེ་བརྒྱད་ཨར་ལ་གཏད་པའི་དྲག་སྒྲུབ་མེ་ལྕེའི་འཁོར་ལོ་བཞུགས་སོཿ 妙法意伏藏集 · 鎮伏八部之誅法火焰輪


༅༅།།ན་མོ་གུ་རུ་པདྨ་ཀ་ར་ཡེཿ


南無咕如貝瑪嘎惹耶!


X ཁྱུང་བཟློག་གཏུབ་ཐབས་མན་ངག་གིཿ རལ་གདོན་འབྱུང་པོ་ཨར་ལ་གཏདཿ འབྱིན་གཏོར་འབིགས་པའི་རྣོ་ནུས་ཀྱིསཿ བསེ་མོ་བཏུལ་བའི་ལས་གཅུན་དངཿ འཁོར་བཀྲུགས་འདྲེན་པའི་བརྟུལ་ཞུགས་ཀྱིསཿ སྡེ་བརྒྱད་གཏའ་རུ་འཛིན་པ་ཡིཿ ནམ་ངག་མེ་ལྕེ་འབར་བ་འདིཿ མཐོང་ཐོས་དྲན་པའི་སླེབ་ཆོག་གིཿ བདུད་རྩི་ཟབ་པའི་མཆིད་འདི་ཟུངསཿ ས་མ་ཡཱཿ


大鵬遮砍竅訣法,邪魔部多猛鎮伏,

拔擲穿鑿銳利力,調伏鼬鼠馴服業,

度引眷亂之禁行,八部抓捕作抵押,

如是熾燃之火焰,見聞憶念即可至,

甚深甘露語請持!三昧耶!


༅༅། ཧྲཱིཿ རྟ་ཁྱུང་དྲག་པོའི་ཞལ་གྱིས་གདུག་པ་འདུལ༔ བདུད་འཇོམས་རྡོ་རྗེའི་གར་ལ་སྐྱབས་སུ་མཆི༔ བར་དུ་གཅོད་བྱ་གཅོད་བྱེད་ང་བདག་ཀུན༔ ཡེ་ཤེས་རིག་པའི་གཏོར་བའི་སེམས་བསྐྱེད་དོཿ


舍!

忿怒馬鵬之面伏粗暴,摧魔金剛之舞誠皈依!能斷所斷障難我一切,智慧覺性拋灑發大心!


ལན་གསུམ་རྗེས་སུ་ལྟ་བ་གྱད་སྐུ་ནིཿ


誦三遍。隨觀力士身:


ཧྲཱིཿ མ་སྐྱེས་སྟོང་པ་ཡེ་ཤེས་གསང་བའི་ཞལཿ འཕོ་མེད་རྡོ་རྗེ་གུ་རུ་དྲག་པོའི་སྐུཿ རྟ་ཞལ་ཁྱུང་གདོང་མཚན་མའི་གདོན་འདུལ་བཞདཿ རྡོ་རྗེ་ཕུར་བ་སྡིག་ཕག་མཚོན་ཐུན་འགྱེདཿ རྒྱལ་བསེན་སྲོག་འདྲེན་གནམ་ལྕགས་དབལ་ཕུར་ལྡནཿ ཁྱུང་གཤོག་རྡེབ་ཅིང་ཀླུ་རིགས་ཟས་སུ་ཟཿ དྲི་མ་མི་ཞིམ་དཔག་ཚད་རྒྱང་གྲགས་འཕྲོཿ སྡིག་ཁྱུང་ཕག་སེང་འགྱེད་པའི་རྫུ་འཕྲུལ་ཅནཿ དུས་མཐའི་ར་ཙའི་གཤེད་བསྐུལ་ཨར་ལ་གཏདཿ


舍!

無生空性智慧秘密面,無遷金剛上師忿怒身,馬面鵬首之相伏魔笑,放射蠍亥咒刃金剛鐝,

厲鬼命誅天鐵鐝尖具,大鵬展翅啖食龍族眾,惡臭彌漫無量俱盧舍,放射蠍鵬亥獅神變具,

末法濁世之敵請降伏!


............(中略)............


ཁོ་བོ་བདུད་འཇོམས་ཁྱུང་དྲག་རྩལ་གྱིས་དག་པར་ཕབ་པ་སརྦ་མངྒ་ལཾ།


由我敦珠瓊紮擇清淨撰著。薩爾瓦芒嘎朗!


寧瑪文殊-經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 敬譯

---------------------------


༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །

ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,

勝乘獅子吼音遍三地,蓮師大寶教法願興盛!

- 彌龐蔣揚南傑嘉措(不敗妙音尊勝海)


* 寧瑪文殊,讓世界更多華人能以自己的母語親近佛法!


寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 2012

コメント


bottom of page