青海熱貢地區寧瑪派史跡考察:༄༅༎ཧོར་བཀའ་བརྒྱད་སྤྱི་བ་།། ༄༅༎རིག་འཛིན་བདུད་འདུལ་གླིང་།། 和日嘎傑基瓦仁增敦都林
- nmkt201201
- 11月19日
- 讀畢需時 2 分鐘
རེབ་གོང་ཧོར་བཀའ་བརྒྱད་སྤྱི་བའི་ལོ་རྒྱུས་རགས་ཙམ་བརྗོད་པ།
熱貢和日嘎傑基瓦源流略述
ཧོར་ཕ་བཞིའི་ཉིན་དུ་གསང་སྔགས་རྙིང་མའི་བསྟན་པ་ཇི་ལྟར་དར་ཚུལ་ནི།
於 “和日帕西寧”,密咒寧瑪教法如何興起方式:
雲端藏經閣:(不定期校潤更新)
( 佛法無版權:點擊下載或複製網址貼上,下載儲存後開啟可閱,請謹慎發心使用。)
*寧瑪文殊 - 雲端藏經閣 pCloud Drive(首頁):
內容:
སྔོན་རེབ་གོང་གསེར་མོ་ལྗོངས་དུ་ལྷ་སའི་འབྲི་གུང་གི་བླ་མ་རིན་ཆེན་བཟང་བོ་མཆོག་རེབ་གོང་འཚོ་བཞི་ལ་ཕེབས་ཤིང་། ཁོང་གི་སློབ་མའི་གཙོ་བོ་ཡུལ་སྐྱོང་དཔལ་བཟང་དང་ཙོང་ཁའི་རྡོར་བཟང་། འཚོ་བཞིའི་མགུ་རུ་སྐྱབས་བཅས་།
昔於“熱貢色莫炯”,拉薩直貢上師 “仁欽桑波” 尊者,蒞臨熱貢 “措西”。其主要弟子,乃 “宇炯貝桑” 、宗喀之 “多桑” 、措西之 “固如嘉” 。

དེ་ནས་ཨ་བོ་མཐུ་ཆེན་ལགས་ལྷ་སའི་འབྲི་གུང་དུ་སློབ་གཉེར་ལ་ཕེབས་ནས་ལོ་དུ་མར་བཞུགས་ཤིང་། རྗེས་སུ་ཨ་བོ་མཐུ་ཆེན་གྱིས་བླ་མ་རིན་ཆེན་བཟང་བོས་གནང་བའི་རྟེན་སྐལ་གྱི་སྒྲོམ་བུ་ཞིག་ཁྱེར་ནས་ཧོར་བཀྲ་ཤིས་ཐང་དུ་འབྱོར།
其後,“阿沃突欽” 赴拉薩直貢求學,安住多年。隨後,“阿沃突欽” 攜上師 “仁欽桑波” 信物寶篋,抵達 “和日扎西塘”。
ཨ་བོ་མཐུ་ཆེན་གྱིས་ཧོར་བཀྲ་ཤིས་ཐང་ནས་སྒྲོམ་བུའི་ཁ་ཕྱེ་དུས་དཔལ་མགོན་ཞལ་དཀར་དང་། ཆོས་རྒྱལ། དཔལ་ལྡན་ལྷ་མོ་བཅས་ཆོས་སྐྱོང་གསུམ་ཕྱིར་མངོན་པ་དང་ཡིན་པ་དང་། དཔལ་མགོན་ཞལ་དཀར་མགར་རྩེ་ཉིན་ལ་ཐིམ་པ་དང་ཆོས་རྒྱལ་ས་རེབ་གོང་གི་དཀྱིལ་དུ་ཐིམ།
“阿沃突欽” 在 “和日扎西塘” 開啟寶篋時,從中湧出三位護法:貝貢協噶、曲嘉、貝丹拉姆。貝貢協噶融入 “嘎擇寧” ,曲嘉融入熱貢地區中央。
དཔལ་ལྡན་ལྷ་མོ་ཨ་བོ་མཐུ་ཆེན་རང་ཉིད་ཀྱིས་བསྟེན་ནས་ཨ་མཐུའི་སྲས་བོ་གཡུ་རྔོག་ཞེས་ཡོངས་སུ་གྲགས། དེ་ནས་བཟུང་ཧོར་ཕ་བཞིའི་ཉིན་དུ་གསང་སྔགས་རྙིང་མའི་བསྟན་པ་དར་བའི་མགོ་ཚུགས།
“阿沃突欽” 自身依止貝丹拉姆後,遂有 “阿突色沃玉鄂” 之稱。
其後,於 “和日帕西寧” ,密咒寧瑪教法開始興起。

ཧོར་བཀའ་བརྒྱད་སྤྱི་བ་ནི་མག་སར་པཎྡཏི་རིང་ལ་བཙུགས་པ་དང་རྡོར་སེམས་རིགས་ལྔ་རྒྱན་གཅིག་གི་ཆོས་སྐོར་རྣམས་ཉམས་སུ་ལེན་པའི་གཞི་ཚུགས། ཁོང་གི་སློབ་མའི་གཙོ་བོ་རྡོ་རྗེ་དབང་རྒྱལ་དང་ཚ་མགོན། རྟ་ཁོ། ཚེ་དབང་སོགས་ཡིན།
和日嘎傑基瓦,是 “莫薩班智達” 之時所立,並以《五部金剛薩埵一莊嚴》法類作為實修之基。其主要弟子為 “多傑旺嘉” 、“擦貢” 、“達闊” 、“策旺” 等。
དེ་ནས་ཨ་ཁུ་རིན་ཆེན་རྒྱལ་སྤྱི་བའི་རྡོ་རྗེ་སློབ་དཔོན་ལ་བཞུགས་ནས་སྤྱི་བའི་འགན་ཁུར། དེ་ནས་བློ་བཟང་བྲང་འབའ། ཨ་ཁུ་སྐོ་རྡོ། ཨ་སྔགས་དམར་མཁའ་འགྲོ་ཚེ་རིང་སོགས་ཀྱིས་རྡོ་རྗེ་སློབ་དཔོན་དང་སྤྱི་བའི་དཔོན་པོའི་འགན་ཁུར་ནས་ཆོས་རྒྱུད་རིམ་གྱིས་སྤེལ།
其後,“阿庫仁欽嘉” 升座為總集之金剛阿闍黎,擔負其務。
其後,“洛桑章跋” 、“阿庫果多” 、“阿俄瑪康卓策仁” 等,相繼擔任金剛阿闍黎與總集主事之職,法脈由是輾轉弘揚。

ཆོས་ཐོག་རིམ་པ། 法會次第:
ལུགས་རྙིང་ཟླ་དང་པོའི་ཚེས་༡༥ ༡༩བར་མགོན་པོ་ཚོགས་བདག་གི་ཆོས་ཐོག་ཨ་ཁུ་འཇིགས་མེད་ཚང་ནས་བཙུགས།
舊曆正月十五至十九日,怙主 “措達” 法會,由 “阿庫吉美倉” 建立。
ཟླ་གཉིས་པའི་ཚེས་༡~༧བར་སྟག་ཚང་ཞི་ཁྲོ་དངོས་གྲུབ་ཀུན་འདུས་ཀྱི་དམ་སྐོང་དངོས་སྤྲུགས་འཁྲིག་སྡེབས་དང་ཐུགས་རྗེ་ཆེན་པོའི་ཆོས་ཐོག
二月初一至初七,“達倉” 靜猛悉地總集之酬補懺罪合編及大悲觀音法會。
ཟླ་ལྔ་བའི་ཚེས་༡༧~༡༩ བར ཕུར་བའི་སྟོང་ཟློག་གི་ཆོས་ཐོག ཨ་ལགས་མག་སར་ཚང་གིས་བཙུགས།
五月十七至十九日,普巴千迴遮法會,由 “阿勒莫薩倉” 建立。
ཟླ་དགུ་བའི་ཚེས༡༣~༡༦བར་གཅོད་གྱི་ཆོས་ཐོག་ཨ་ལགས་མག་སར་ཚང་དང་མཁན་པོ་དར་རྒྱས་གཉིས་གྱིས་བཙུགས།
九月十三至十六日,斷法法會,由 “阿勒莫薩倉” 與 “堪布達傑” 二者建立。

ཟླ་བཅུ་བའི་ཚེས་༡༥~༡༩ བར་ཕུར་བའི་སྟོང་ཟློག་གི་ཆོས་ཐོག ཧོར་སྔགས་དམར་མཁའ་འགྲོ་ཚེ་རིང་།
十月十五至十九日,普巴千迴遮法會,由 “和日俄瑪康卓策仁” 建立。
ཟླ་བཅུ་གཅིག་པའི་ཚེས༡༣~༢༠བར་རྡོ་རྗེ་ཕུར་བ་ཚེ་མཆོག་གི་ཁྲོ་བོ་རོལ་བའི་འཕྲིནལས་གདུག་པ་ཀུན་སྒྲོལ་གྱི་ཆོས་ཐོག ཨ་ལགས་ཧོར་ཚང་ནས་བཙུགས།
十一月十三至二十日,《金剛普巴長壽最勝忿怒遊舞事業・降伏一切凶暴》法會,由 “阿勒和日倉” 建立。
ཟླ་བཅུ་གཉིས་བའི་ཚེས༦~༡༢བར་རྟ་མགྲིན་དང་སེང་དུང་མའི་ཆོས་ཐོག ལ་མོ་མཆོད་ས་ཚང་ནས་བཙུགས།
十二月初六至十二日,馬頭及獅面空行母法會,由 “拉莫闕薩倉” 建立。
寧瑪文殊-經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 敬譯

---------------------------
༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །
ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)
* 寧瑪文殊,讓世界更多華人能以自己的母語親近佛法!
寧瑪文殊(譯經院)- 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 2012

留言